གཙོ་ངོས། / ཤེས་ཡོན་ལྷན་ཚོགས།

ཤེས་ཡོན་ལྷན་ཚོགས།

 

 ཕྱི་ལོ་ ༢༠༢༥ ལོའི་བཤད་གྲྭའི་དཔེ་ཁྲིད་དགེ་རྒན་དང་དགེ་བསྐོས།

སློབ་སྟོན་པ།

མཁན་པོ་ཆོས་དབྱིངས་ལྷུན་འགྲུབ།

སྤྱི་ལོ་ ༡༩༩༦ ནས་ ༢༠༠༤ བར་ཁམས་སྒར་བཤད་གྲྭ་དང་།  གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་། ལྷ་ལྡན་འབྲས་སྤུངས་བཅས་སུ་སློབ་གཉེར་མཛད།
༢༠༠༤ ལོར་བཤད་གྲྭར་ཕེབས་ཏེ་སློབ་ཁྲིད་གནང་།
༢༠༠༥ ལོར་མཁན་ཁྲིར་མངའ་གསོལ་མཛད་དེ།
༢༠༡༩ བར་ཤེས་ཡོན་དང་སྒྲིག་གཞི་བཅས་ཀྱི་གཙོ་འགན་བཞེས།
༢༠༢༠ ལོ་ནས་དཔེ་ཁྲིད་མཛད།༢༠༢༢་ལོར་བལ་ཡུལ་དུ་སྐུ་མཚམས་ལ་བཞུགས།
༢༠༢༣་ལོར་་ཐེ་ཝན་ཀུན་མཁྱེན་ཡེ་ཤེས་ཆོས་ཚོགས་སུ་ཕེབས།
༢༠༢༤ ལོར་བཤད་གྲྭ་ཕེབས་ནས་དོན་གཉེར་ཅན་རྣམས་ལ་ཟུར་དུ་དཔེ་ཁྲིད་གནང་།
༢༠༢༥ ལོར་བཤད་གྲྭར་དཔེ་ཁྲིད་གནང་བཞིན་ཡོད།

 

མཁན་པོ་བསྟན་འཛིན་སྟོབས་རྒྱལ།

སྤྱི་ལོ་ ༢༠༠༥ ལོར་ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་རྒྱ་གར་གཞུང་གི་མཐོ་སློབ་ཐོན་ཏེ་སློབ་གླིང་འདིར་སློབ་ཞུགས་གནང་།

༢༠༡༡ ལོར་བསླབ་པ་མཐར་ཕྱིན།
༢༠༡༥ ལོར་མཁན་པོའི་མཚན་གནས་བཞེས།
༢༠༡༥་ལོ་ནས་དཔེ་ཁྲིད་གནང་།
༢༠༢༠ ལོར་ཀོ་རི་ཡའི་ཆོས་ཚོགས་སུ་ཆོས་ཁྲིད་གནང་།
༢༠༢༡ ལོར་སླར་བཤད་གྲྭར་ཕེབས་ནས་དཔེ་ཁྲིད་གནང་།
༢༠༢༢ ནས་སྐུ་མཚམས་ལ་བཞུགས་བཞིན་ཡོད།
༢༠༢༥ ལོར་བཤད་གྲྭར་སྔགས་ཀྱི་དཔེ་ཁྲིད་གནང་བཞིན་ཡོད།

མཁན་པོ་ངག་དབང་ཆོས་བཟང་།

སྤྱི་ལོ་ ༢༠༠༢ ལོ་ནས་ ༢༠༡༧ བར་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་། འཕགས་ཡུལ་སེར་བྱེས་གྲྭ་ཚང་བཅས་སུ་སློབ་གཉེར་མཛད།

༢༠༡༧ ལོར་བཤད་གྲྭར་ཕེབས་ཏེ་དཔེ་ཁྲིད་གནང་།༢༠༡༨ ལོར་བྱང་ཆུབ་ལྗོངས་རྡོ་རྫོང་དགོན་དུ་དཔེ་ཁྲིད་རྒན་དུ་ཕེབས།༡༠༡༩ ལོ་ནས་བཤད་གྲྭར་དཔེ་ཁྲིད་གནང་དང་གནང་མུས་ཐོག །

༢༠༢༡ ལོར་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས།༢༠༢༢ ལོར་བཤད་གྲྭར་དཔེ་ཁྲིད་གནང་།༢༠༢༣་ལོར་དཔེ་ཁྲིད་གནང་།༢༠༢༤་ལོར་དཔེ་ཁྲིད་གནང་།༢༠༢༥་ལོར་དཔེ་ཁྲིད་གནང་བཞིན་ཡོད།

མཁན་པོ་ཡོན་ཏན་མཐའ་ཡས།

སྤྱི་ལོ་ ༢༠༠༣ ནས་༢༠༢༠ བར་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་། འཕགས་ཡུལ་སེར་བྱེས་གྲྭ་ཚང་བཅས་སུ་སློབ་གཉེར་མཛད།

༢༠༢༠ ལོར་བཤད་གྲྭར་ཕེབས་ཏེ་དཔེ་ཁྲིད་དང་རྩོམ་སྒྲིག་པའི་ཕྱག་ལས་གནང་།

༢༠༢༣་ལོར་དཔེ་ཁྲིད་གནང་།

༢༠༢༤་ལོར་དཔེ་ཁྲིད་ནས་དགོངས་པ་ཞུས།

༢༠༢༥ ལོར་བཤད་གྲྭར་ཕེབས་ནས་དཔེ་ཁྲིད་གནང་བཞིན་ཡོད།

 

ཚོགས་གཞོན།

མཁན་པོ་དོན་བརྒྱུད་རྒྱལ་མཚན།

སྤྱི་ལོ་ ༢༠༠༧ ལོར་སློབ་ཞུགས་གནང་།

༢༠༡༧ ལོར་བསླབ་པ་མཐར་ཕྱིན།

༢༠༡༨ ལོ་ནས་ ༢༠༡༩ བར་དཔེ་ཁྲིད་གནང་།

༢༠༡༤ ནས་རྩོམ་སྒྲིག་པའི་ཕྱག་ལས་གནང་།

༢༠༡༧ ནས་རྩོམ་སྒྲིག་ཚན་པའི་འགན་འཛིན་གནང་བཞིན་ཡོད།

༢༠༢༠ ལོར་སྒྲུབ་སྡེར་སྐུ་མཚམས་སུ་བཞུགས།

༢༠༢༡ ལོ་ནས་དཔེ་ཁྲིད་དང་རྩོམ་སྒྲིག་ཚན་པའི་འགན་འཛིན་གནང་བཞིན་ཡོད།

མཁན་པོ་ཀུན་བཟང་རྒྱ་མཚོ།

ཕྱི་ལོ་༢༠༠༧ ལོར་གསེར་ཐང་བླ་རུང་ལྔ་རིགས་ནང་བསྟན་སློབ་གླིང་དུ་སློབ་ཞུགས་གནང་སྟེ། གཞུང་ཆེན་ཁག་དང་དེ་འབྲེལ་རིགས་གནས་དང་བཅས་པར་སྦྱོང་གནང་བ་དང་།
ཕྱི་ལོ་༢༠༡༠ ལོར་འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སློབ་ཞུགས་གནང་སྟེ། གཞུང་ཆེན་ཁག་དང་རིག་གནས་བཅས་པར་སློབ་སྦྱོང་ཤུགས་ཆེན་གནང་ཞིང་རིགས་ཆུང་གི་མཚན་རྟགས་སོགས་ཐོབ་ཡོད།

༢༠༢༢ ལོ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་ར་ཕེབས་ཏེ་དཔེ་ཁྲིད་གནང་བཞིན་ཡོད།

སློབ་དཔོན་དཀོན་མཆོག་རྒྱལ་མཚན།

༢༠༢༡ ལོར་སློབ་ཞུགས་གནང་།

༢༠༡༨ ལོ་ནས་༢༠༢༢ བར་རྩོམ་སྒྲིག་གི་ཕྱག་ལས་གནང་།

༢༠༢༣ ལོར་བསླབ་པ་མཐར་ཕྱིར།

༢༠༢༣་ལོར་ཆོས་ཁྲིམས་པའི་ཐུགས་འགན་གནང་།
༢༠༢༤་ལོར་དཔེ་ཁྲིད་རྒན་གནང་།
༢༠༢༥་ལོར་དཔེ་ཁྲིད་གནང་བཞིན་ཡོད།

སློབ་དཔོན་བསོད་ནམས་འབྲུག་སྒྲ།

རྡོ་རྗེ་གདན་འབྲུག་ངག་དབང་ཐུབ་བསྟན་ཆོས་གླིང་དུ་ལོ་བཅུ་ལྷག་ཙམ་གྱི་རིང་སློབ་སྦྱོང་གནང་།
སྤྱི་ལོ་༢༠༡༢
ལོར་བཤད་གྲྭ་འདིར་སློབ་ཞུགས་གནང་།ལོ་གསུམ་གྱི་རིང་སྐྱོར་དཔོན་གནང་།
སྤྱི་ལོ་༢༠༢༠
ལོར་ཆོས་ཁྲིམས་པའི་ཐུགས་འགན་བཞེས།
སྤྱི་ལོ་༢༠༢༡
ལོར་འཛིན་གྲྭ་མཐར་ཕྱིན།
སྤྱི་ལོ་
༢༠༢༢ ལོར་དཔེ་ཁྲིད་གནང་།
༢༠༢༣
ལོར་འབྲུག་སྔགས་གྲྭ་རྡོ་རྗེ་ཆོས་སྒར་དཔེ་ཁྲིད་རྒན་གྱི་ཆེད་ཕེབས།
༢༠༢༤་ལོར་བཤད་གྲྭར་དཔེ་ཁྲིད་གནང་།
༢༠༢༥་ལོར་དཔེ་ཁྲིད་གནང་བཞིན་ཡོད།

མཁན་པོ་བསོད་ནམས་ཆོས་གྲགས།

སྤྱི་ལོ་ ༢༠༠༣ ལོ་ནས་འཕགས་ཡུལ་སེར་བྱེས་གྲྭ་ཚང་དུ་རིགས་ལམ་སྦྱངས།༢༠༠༤ ལོ་མཇུག་ཏུ་རྣམ་གྲོལ་གླིང་གི་བཤད་གྲྭར་སློབ་ཞུགས་གནང་སྟེ། འཛིན་གྲྭ་དང་པོ་ནས་དགུ་པའི་བར་ཐེག་པ་རིམ་བགྲོད་ཀྱིས།༢༠༡༥ ལོར་བསླབ་པ་མཐར་ཕྱིན་ཅིང་། ༢༠༠༡༦ ནས་༢༠༢༡ བར་དུ་སྔ་འགྱུར་མཐོ་སློབ་ཆེན་མོའི་ནང་ལོ་ལྔ་དང་།བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་གླིང་དུ་ལོ་གཅིག་བཅས་ཁྱོན་བསྡོམས་ལོ་དྲུག་ལ་དཔེ་ཁྲིད་ཀྱི་འགན་ཁུར་བ་དང་ལྷན་དུ་ལས་འགན་ཁག་ཅིག་ཀྱང་བཞེས།

༢༠༢༡ ལོར་འདི་ག་སློབ་གླིང་དུ་གདན་ཞུས་ལྟར་ཕེབས་ཏེ་དཔེ་ཁྲིད་གནང་།
༢༠༢༣ ལོར་ལོ་གཅིག་གི་རིང་དཔེ་ཁྲིད་ནས་དགོངས་པ་ཞུས།
༢༠༢༤་ལོར་བཤད་གྲྭར་དཔེ་ཁྲིད་ནས་དགོངས་པ་ཞུས།

དགེ་བསྐོས། 

འཇིགས་མེད་ཆོས་ནོར།

དགེ་བསྐོས། 

བསོད་ནམས་ཕུན་ཚོགས།

 
ཕྱི་ལོ་༢༠༢༥ ལོའི་འབྲེལ་ཡོད་དགོན་སྡེ་དང་ཆོས་ཚོགས་ཁག་ཏུ་བཏང་བའི་མཁན་པོ་དང་དགེ་རྒན་རྣམ་པ།

མཁན་པོ་ངག་དབང་བཟང་པོ།

སྤྱི་ལོ་ ༡༩༩༧ ནས་ ༢༠༠༤ བར་ཁམས་སྒར་བཤད་གྲྭ་དང་།  གསེར་ཐང་བླ་རུང་ལྔ་རིག་དང་བསྟན་སློབ་གླིང་། འཕགས་ཡུལ་སེར་བྱེས་གྲྭ་ཚང་བཅས་སུ་སློབ་གཉེར་མཛད།༢༠༠༤ ལོར་བཤད་གྲྭར་ཕེབས། དེ་ནས་༢༠༠༧ བར་བཤད་གྲྭར་སློབ་ཁྲིད་གནང་།
༢༠༠༩ ལོར་མཁན་ཁྲིར་མངའ་གསོལ་ཞུས།
༢༠༠༨ ལོ་ནས་༢༠༡༢ བར་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་དུ་དཔེ་ཁྲིད་རྒན་གནང་། བཤད་གྲྭའི་རྒྱུན་ལྡན་གྱི་དཔའ་འབྱོར་འདུ་འགོད་གནང་ཐོག ༢༠༢༠ ལོ་ནས་ ༢༠༢༣ འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས།
༢༠༢༣ ལོ་ནས་ཀོ་རི་ཡའི་ཆོས་ཚོགས་ཀྱི་ཐུགས་འགན་གཞེད་བཞིན་ཡོད།

 

སློབ་དཔོན་ངག་དབང་གཡང་འཕེལ།

སྤྱི་ལོ་༢༠༡༡་ལོར་སློབ་ཞུགས་གནང་།
༢༠༢༣་བསླབ་པ་མཐར་ཕྱིན།
༢༠༢༣་ལོར་དཔེ་ཁྲིད་གནང་གི་ཡོད།
༢༠༢༤ ལོར་ཆོས་ཁྲིམས་པའི་ཐུགས་འགན་བཞེས།
༢༠༢༥་ལོར་ཀོ་རི་ཡའི་ཆོས་ཚོགས་སུ་ཕེབས་རྒྱུ།

མཁན་པོ་བསྟན་འཛིན་བྱམས་པ།

སྤྱི་ལོ་ ༢༠༠༣ ལོར་སློབ་ཞུགས་གནང་།
༢༠༡༢ ལོར་བསླབ་པ་མཐར་ཕྱིན་ཏེ། ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས།
༢༠༡༣ ལོ་ནས་ལོ་ངོ་གསུམ་གྱི་རིང་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཚིག་མཛོད་ཚོགས་ཆུང་གི་འགན་འཛིན་གནང་།༢༠༡༧ ལོར་མཁན་པོའི་མཚན་གནས་བཞེས་ནས་དཔེ་ཁྲིད་གནང་།༢༠༡༩ ལོར་བྱང་ཆུབ་ལྗོངས་སུ་ཕེབས་ཏེ་དཔེ་ཁྲིད་གནང་།
༢༠༢༠ ལོ་ནས་ཐེ་ཝན་བཤད་གྲྭའི་ཆོས་ཚོགས་སུ་ཕེབས་ཏེ་བཤད་གྲྭའི་ཆོས་ཚོགས་ཀྱི་ཐུགས་འགན་བཞེས་བཞིན་ཡོད།

མཁན་པོ་བློ་གྲོས་རྒྱ་མཚོ།

སྤྱི་ལོ་ ༢༠༠༢ ལོར་སློབ་ཞུགས་གནང་།
༢༠༡༡ ལོར་བསླབ་པ་མཐར་ཕྱིན་ཏེ་ཆོས་ཁྲིམས་་ཀྱི་ཐུགས་འགན་བཞེས།
༢༠༡༧ ལོར་མཁན་པོའི་མཚན་གནས་བཞེས།
༢༠༡༣ ལོ་ནས་གྲྭ་ཚང་གི་གཞི་རིམ་སློབ་གྲྭར་ཕེབས་ཏེ་སློབ་ཁྲིད་དང་གཟིགས་རྟོག་གནང་བཞིན་ཡོད།

མཁན་པོ་ཚུལ་ཁྲིམས་བཟང་པོ།

སྤྱི་ལོ་ ༢༠༠༢ ལོར་སློབ་ཞུགས་གནང་།
༢༠༡༡ ལོར་བསླབ་པ་མཐར་ཕྱིན།
༢༠༡༢ ལོ་ནས་ལོ་ངོ་དུ་མའི་རིང་གཞི་རིམ་སློབ་གྲྭའི་དགེ་རྒན་དང་གཟིགས་རྟོག་གནང་།
༢༠༡༨ ནས་ ༢༠༢༠ བར་ཝེཏ་ནམ་ཆོས་ཚོགས་སུ་ཕེབས།
༢༠༢༡ ལོ་ནས་བྱང་ཆུབ་ལྗོངས་རྡོ་རྫོང་དགོན་པར་སློབ་ཁྲིད་གནང་བཞིན་ཡོད།

 

མཁན་པོ་བསོད་ནམས་དབང་རྒྱལ།

སྤྱི་ལོ་ ༢༠༠༥ ལོར་སློབ་ཞུགས་གནང་།
༢༠༡༣ ལོར་བསླབ་པ་མཐར་ཕྱིན།
༢༠༡༧ ལོར་མཁན་པོའི་མཚན་གནས་བཞེས།
༢༠༡༦ ལོ་ནས་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་དུ་ཕེབས་ཏེ་དཔེ་ཁྲིད་དང་
ཤེས་ཡོན་གྱི་གཙོ་འགན་བཞེས་བཞིན་ཡོད།

སློབ་དཔོན་དྲི་མེད་ཤེས་རབ། 

སྤྱི་ལོ་ ༢༠༠༧ ལོར་སློབ་ཞུགས་གནང་།
༢༠༡༩ ལོར་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས།
སྤྱི་ལོ་༢༠༡༨ ནས་བཤད་གྲྭར་དཔེ་ཁྲིད་གནང་།
༢༠༡༩ ལོར་བསླབ་པ་མཐར་ཕྱིན།
༢༠༢༠ ལོ་ནས་༢༠༢༡ བར་བཤད་གྲྭར་དཔེ་ཁྲིད་གནང་།
༢༠༢༢ ལོ་ནས་དོན་བརྒྱུད་དགའ་ཚལ་གླིང་དུ་དཔེ་ཁྲིད་གནང་བཞིན་ཡོད།

མཁན་པོ་ཚེ་དབང་བདེ་ཆེན།

སྤྱི་ལོ་ ༢༠༠༥ ལོར་སློབ་ཞུགས་གནང་།
༢༠༡༣ ལོར་བསླབ་པ་མཐར་ཕྱིན་ཅིང་ཆོས་ཁྲིམས་གནང་།
༢༠༡༤ ལོ་ནས་རྩོམ་སྒྲིག་པའི་ཕྱག་ལས་དང་གཞི་རིམ་སློབ་གྲྭའི་དགེ་རྒན་གནང་།
༢༠༡༧ ལོར་མཁན་པོའི་མཚན་གནས་བཞེས་ཏེ་དཔེ་ཁྲིད་གནང་།
༢༠༡༩ ལོ་ནས་བལ་ཡུལ་ཚོགས་གཉིས་སྒར་དགོན་པར་ཕེབས་ཏེ་དཔེ་ཁྲིད་དང་ཤེས་ཡོན་གྱི་གཙོ་འགན་བཞེས་བཞིན་ཡོད།

མཁན་པོ་ཆོས་འཕེལ་རྒྱ་མཚོ།

སྤྱི་ལོ ༢༠༠༧ ལོར་སློབ་ཞུགས་གནང་།
༢༠༡༧ ལོར་བསླབ་པ་མཐར་ཕྱིན།
༢༠༡༨ ལོར་བྱང་ཆུབ་ལྗོངས་རྡོ་རྫོང་དགོན་དུ་དཔེ་ཁྲིད་གནང་།
༢༠༡༩ ལོར་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས།
༢༠༢༠ ལོ་ནས་དཔེ་ཁྲིད་གནང་།
༢༠༢༢ ལོར་བལ་ཡུལ་ཚོགས་གཉིས་སྒར་དགོན་པར་དཔེ་ཁྲིད་རྒན་དུ་ཕེབས།

མཁན་པོ་ཤེས་རབ་རྒྱལ་མཚན།

སྤྱི་ལོ་ ༢༠༠༧ ལོར་སློབ་ཞུགས་གནང་།
༢༠༡༦ ལོར་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས།
༢༠༡༧ ལོར་བསླབ་པ་མཐར་ཕྱིན།
༢༠༡༨ ལོར་ཟངས་དཀར་འབྲུག་དགོན་ཁག་ཅིག་ཏུ་ཆོས་དགེར་ཕེབས།
༢༠༡༩ ལོ་ནས་བྱང་ཆུབ་ལྗོངས་རྡོ་རྫོང་དགོན་དུ་ཕེབས་ཏེ་དཔེ་ཁྲིད་གནང་།
༢༠༢༡ ལོར་བཤད་གྲྭར་དཔེ་ཁྲིད་གནང་།
༢༠༢༢ ལོ་ནས་ལ་དྭགས་ལྕེ་བདེ་དགོན་དུ་སློབ་དགེ་རུ་་ཕེབས།

མཁན་པོ་བསམ་གཏན་ལྷུན་འགྲུབ།

སྤྱི་ལོ་ ༢༠༠༦ ལོར་སློབ་ཞུགས་གནང་།
༢༠༡༥ ལོར་བསླབ་པ་མཐར་ཕྱིན།
༢༠༡༦ ལོར་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས།
༢༠༡༧ ལོར་ཟངས་དཀར་འབྲུག་དགོན་ཁག་ལ་ཆོས་དགེར་ཕེབས།
༢༠༡༨ ལོ་ནས་བཤད་གྲྭའི་གཞི་རིམ་སློབ་གྲྭར་དགེ་རྒན་དང་གཟིགས་རྟོག་གནང་མུས་ཡིན།

དགེ་རྒན་སྲིད་རྒྱལ་དོན་སྒྲུབ།

༢༠༠༦ ལོར་བཀྲ་ཤིས་ལྗོངས་དགོན་པར་ཆོས་ཞུགས་གནང་རྗེས་སེར་བྱེས་གྲྭ་ཚང་དུ་ལོ་གསུམ་ལ་སློབ་གཉེར་གནང་མཐར། སླར་བཀྲ་ཤིས་ལྗོངས་སུ་ཕེབས་ཏེ་གྲྭ་ཚང་དུ་ལོ་ཤས་རིང་དཀོར་གཉེར་གནང་།

༢༠༡༨ ལོ་ནས་བཤད་གྲྭའི་གཞི་རིམ་སློབ་གྲྭར་དགེ་རྒན་གནང་བཞིན་ཡོད།

སློབ་དཔོན་ལུང་རིག་རྒྱ་མཚོ།

སྤྱི་ལོ་༢༠༠༨ ལོར་གཞི་རིམ་སློབ་གྲྭར་སློབ་ཞུགས་གནང་།

སྤྱི་ལོ་༢༠༡༡ ལོར་མཐོ་སློབ་འདིར་སློབ་ཞུགས་བྱས།

སྤྱི་ལོ་༢༠༢༡ ལོར་འཛིན་གྲྭ་མཐར་ཕྱིན།

སྤྱི་ལོ་༢༠༢༢ ལོར་ཆོས་ཁྲིམས་པའི་ཐུགས་འགན་བཞེས།
༢༠༢༣ ལོར་དཔེ་མཛོད་ཀྱི་ཕྱག་ལས་གནང་།
༢༠༢༤་ལོ་ནས་་བཤད་གྲྭའི་གཞི་རིམ་སློབ་གྲྭར་དགེ་རྒན་དང་གཟིགས་རྟོགས་གནང་བཞིན་ཡོད།

སློབ་དཔོན་ཚུལ་ཁྲིམས་རྣམ་རྒྱལ།

༢༠༠༩ ལོར་གཞི་རིམ་སློབ་གྲྭར་བཞུགས།
སྤྱི་ལོ་༢༠༡༡ བཤད་གྲྭར་སློབ་ཞུགས་གནང་།
སྤྱི་ལོ་༢༠༡༩ ལོར་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་།
སྤྱི་ལོ་༢༠༢༣ ལོར་བསླབ་པ་མཐར་ཕྱིན།
༢༠༢༣ ལོར་དཔེ་ཁྲིད་གནང་གི་ཡོད།
༢༠༢༤་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་།
༢༠༢༥་ལོ་ནས་གྲྭ་ཚང་གཞི་རིམ་སློབ་གྲྭའི་དགེ་རྒན་གནང་བཞིན་ཡོད།

སློབ་དཔོན་སངས་རྒྱས་བསྟན་འཛིན།

སྤྱི་ལོ་ ༢༠༠༩ ལོར་སློབ་ཞུགས་གནང་།
༢༠༡༨ ལོར་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས།
སྤྱི་ལོ་༢༠༡༨ ནས་བཤད་གྲྭར་དཔེ་ཁྲིད་མཛད།
༢༠༡༩ ལོ་ནས་བསླབ་པ་མཐར་ཕྱིན་ཏེ་དཔེ་ཁྲིད་གནང་།
༢༠༢༢ ལོར་འབྲུག་གསེར་ལུང་པད་དཀར་དགོན་དུ་དཔེ་ཁྲིད་རྒན་དུ་ཕེབས།
༢༠༢༤་ལོར་བཤད་གྲྭར་དཔེ་ཁྲིད་གནང་།
༢༠༢༥་ལོར་འབྲུག་ཕུན་ཚོགས་གླིང་དུ་ཕེབས།

སློབ་དཔོན་བསྟན་འཛིན་རྒྱལ་མཚན།

རྡོར་གླིང་འབྲུག་གསང་སྔགས་ཆོས་གླིང་གི་སློབ་གྲྭར་སློབ་སྦྱོང་གནང་བ་དང་།སྦིར་རི་མགོ་དགོན་པའི་བཤད་གྲྭར་ལོ་དགུའི་རིང་སློབ་གཉེར་བྱས།

སྤྱི་ལོ་༢༠༡༥ ལོར་སློབ་གླིང་འདིར་སློབ་ཞུགས་གནང་།
སྐྱོར་དཔོན་ལོ་གསུམ་གྱི་རིང་གནང་།
སྤྱི་ལོ་༢༠༢༡ ལོར་ཆོས་ཁྲིམས་པའི་ཐུགས་འགན་བཞེས།
སྤྱི་ལོ་༢༠༢༡ ལོར་འཛིན་གྲྭ་མཐར་ཕྱིན།
སྤྱི་ལོ་༢༠༢༢ ལོར་གར་ཞ་ཅོག་གྲྭ་དགོན་པར་ཕེབས།
༢༠༢༣་ལོར་བཤད་གྲྭར་དཔེ་ཁྲིད་རྒན་གནང་།
༢༠༢༤ ལོར་གར་ཞ་སློབ་གྲྭར་དགེ་རྒན་ཆེད་དུ་ཕེབས།

 

སློབ་དཔོན་མཁས་གྲུབ་དཔལ་ལྡན།

སྤྱི་ལོ་༢༠༡༡ ལོར་སློབ་ཞུགས་གནང་བ་དང་ལོ་ཤས་ཀྱི་རིང་བཤད་གྲྭར་སྐྱོར་ཁྲིད་གནང་།
སྤྱི་ལོ་༢༠༢༡ ལོར་འཛིན་གྲྭ་མཐར་ཕྱིན།
སྤྱི་ལོ་ ༢༠༢༢ ལོ་ནས་བཤད་གྲྭའི་གཞི་རིམ་སློབ་གྲྭའི་དགེ་རྒན་དུ་ཕེབས།
༢༠༢༤་ལོར་བཤད་གྲྭར་དཔེ་ཁྲིད་གནང་།
༢༠༢༥་ལོར་འབྲུག་བདེ་ཆེན་ཆོས་འཁོར་གླིང་དུ་དཔེ་ཁྲིད་རྒན་གྱི་ཆེད་ཕེབས།

སློབ་དཔོན་ཚེ་རིང་རྡོ་རྗེ།

༢༠༡༩ ལོར་བསླབ་པ་མཐར་ཕྱིན།
༢༠༡༧་ལོར་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་།
༢༠༡༧་ལོར་ཆོས་ཁྲིམས་པའི་ཕྱག་ལས་གནང་།
༢༠༡༩ ལོ་ནས་ལ་དྭགས་རྟ་རྣ་དགོན་པར་ཕེབས།

སློབ་དཔོན་བསོད་ནམས་ཤེས་རབ། ( ལ་དྭགས།)

སྤྱི་ལོ་༢༠༡༠་ལོར་སློབ་ཞུགས་གནང་།
༢༠༡༦ ལོ་ནས་༢༠༢༣་བར་དུ་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་།
༢༠༢༢ ལོར་བསླབ་པ་མཐར་ཕྱིན།
༢༠༢༣ ལོར་ཟངས་དཀར་དགོན་པ་ལ་ཆོས་དགེར་ཕེབས།

སློབ་དཔོན་ཚེ་རིང་།

༢༠༡༣་ལོར་སློབ་ཞུགས་གནང་།
༢༠༢༣་ལོར་བསླབ་པ་མཐར་ཕྱིན།
༢༠༢༣་ལོེར་ལོ་གཅིག་རིང་འབྲུག་ཤར་ཕྱོགས་མོང་སྒར་སྔགས་གྲྭ་རྡོ་རྗེ་ཆོས་སྒར་དུ་དཔེ་ཁྲིད་དགེ་རྒན་གྱི་ཆེད་དུ་ཕེབས།

སློབ་དཔོན་བསོད་ནམས་ཤེས་རབ་ནེ་གི།

༢༠༡༠ ལོར་གཞི་རིམ་སློབ་གྲྭར་བཞུགས།
༢༠༡༡ བཤད་གྲྭར་སློབ་ཞུགས་གནང་།
༢༠༡༩ ལོར་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་།
༢༠༢༣ བསློབ་པ་མཐར་ཕྱིན།
༢༠༢༣ ལོ་ནས་མཚོ་པདྨར་མཁན་པོ་ཕུན་ཚོགས་འབྱུང་གནས་ཀྱི་ཆོས་ཚོགས་སུ་ཕེབས།

མཁན་པོ་ཐུབ་བསྟན་དགེ་ལེགས།

སྤྱི་ལོ་ ༡༩༩༦ ནས་ ༢༠༡༧ བར་ཁམས་སྒར་བཤད་གྲྭ་དང་།  གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་།  འཕགས་ཡུལ་སེར་བྱེས་གྲྭ་ཚང་བཅས་སུ་སློབ་གཉེར་མཛད།

༢༠༡༧ ལོར་བཤད་གྲྭར་ཕེབས་ཏེ་དཔེ་ཁྲིད་གནང་དང་གནང་མུས་ཐོག
༢༠༢༠ ལོར་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་དངུལ་གཉེར་གཅིག་ལྕོགས་སུ་བསྐོས་ཏེ་ཕྱག་ལས་གནང་།
༢༠༢༣ ལོར་སྐུ་མཚམས་སུ་བཞུགས།
༢༠༢༤་ལོ་ནས་ཝ་ཎ་མཐོ་སློབ་ཏུ་དགེ་རྒན་གྱི་ཆེད་ཕེབས་ཡོད།

སློབ་དཔོན་ཉི་མ་རྒྱལ་མཚན།

སྤྱི་ལོ་ ༢༠༠༩ ལོར་སློབ་ཞུགས་གནང་།༢༠༡༩ ལོར་བསླབ་པ་མཐར་ཕྱིན།

༢༠༡༨ ལོ་ནས་༢༠༢༢ བར་བཤད་གྲྭར་དཔེ་ཁྲིད་གནང་།

༢༠༢༢ ལོར་ཆོས་ཁྲིམས་པའི་ཐུགས་འགན་བཞེས།

༢༠༢༣ ལོ་ནས་ལོ་དྲུག་གི་རིང་ལ་འབྲུག་ཏུ་སྐུ་མཚམས་ལ་བཞུགས།

Show Buttons
Hide Buttons