| ལོ་རིམ། |
ལོ་རེའི་རྩ་བའི་སློབ་ཚན། |
ཡན་ལག་གི་སློབ་ཚན། |
| ལོ་རིམ་དང་པོ། |
བསྡུས་གྲྭ་དང་། དྭགས་པོ་ཐར་རྒྱན། ཀཱ་རི་ཀཱ་ལྔ་བཅུ་པ། |
ཡིག་གཟུགས་དང་། དག་ཡིག །ལེགས་བཤད་ལྗོན་དབང་།དབྱིན་ཡིག |
| ལོ་རིམ་གཉིས་པ། |
བློ་རྟགས་དང་། སྤྱོད་འཇུག |
ཡིག་གཟུགས་དང་། དག་ཡིག། དཀའ་གནད་གསལ་བའི་མེ་ལོང་། དབྱིན་ཡིག |
| ལོ་རིམ་གསུམ་པ། |
རིགས་གཏེར་གསལ་བྱེད་དང། སྤྱི་དོན་རིག་པའི་སྙིང་པོ། |
སུམ་རྟགས། དབྱིན་ཡིག |
| ལོ་རིམ་བཞི་པ། |
ཕར་ཕྱིན་ལུང་གི་སྙེ་མ་སྟོད་ཆ་དང་། ཆོས་ཉིད་རྣམ་འབྱེད། དབུས་མཐའ་རྣམ་འབྱེད། |
སྙན་ངག་ཁམས་འགྲེལ། དབྱིན་ཡིག |
| ལོ་རིམ་ལྔ་པ། |
ཕར་ཕྱིན་ལུང་གི་སྙེ་མ་སྨད་ཆ་དང། མདོ་སྡེ་རྒྱན། ཆོས་འཁོར་དོགས་གཅོད། |
སྙན་ངག་དང་། དབྱིན་ཡིག |
| ལོ་རིམ་དྲུག་པ། |
ཕར་ཕྱིན་བྱམས་པའི་ཞལ་ལུང་དང། ཤེར་ཕྱིན་ལུང་ལ་འཇུག་པའི་སྒོ། རྒྱུད་བླ་མ། |
སྙན་ངག་དང་། དབྱིན་ཡིག |
| ལོ་རིམ་བདུན་པ། |
འཇུག་པ་རང་འགྲེལ་དང་། དབུ་མ་ཐལ་ཟློག། དབུ་མ་རྩ་བ་ཤེས་རབ། རྩོད་ཟློག། སྟོང་ཉིད་བདུན་བཅུ་པ། |
བླ་མ་རྒྱུད་པའི་རྣམ་ཐར་དང་། |
| ལོ་རིམ་རྒྱད་པ། |
དབུ་མ་གཞུང་གསུམ་གསལ་བྱེད་དང་། དབུ་མ་བཞི་བརྒྱ་པ། ཞི་མོ་རྣམ་འཐག། རིགས་པ་དྲུག་ཅུ་པ། |
བཀའ་བརྒྱུད་ཆོས་འབྱུང་བསྡུས་པ་དང་། |
| ལོ་རིམ་དགུ་པ། |
མཛོད་རང་འགྲེལ་སྟོད་ཆ། |
འབྲུག་པའི་ཆོས་འབྱུང་ལེའུ་དང་པོ་བཞི། |
| ལོ་རིམ་བཅུ་པ། |
མཛོད་རང་འགྲེལ་སྨད་ཆ་དང་། མངོན་པ་ཀུན་བཏུས། |
འབྲུག་པའི་ཆོས་འབྱུང་ལེའུ་ཐ་མ་བཞི། |
| ལོ་རིམ་བཅུ་གཅིག་པ། |
སྡོམ་གསུམ་རྒྱན་འགྲེལ་ལེའུ་དང་པོ་དང་གཉིས་པ། |
རྒྱ་གར་ཆོས་འབྱུང་། |
| ལོ་རིམ་བཅུ་གཉིས་པ། |
རྒྱུད་བརྟག་གཉིས། |
རྒྱུད་སྡེ་སྤྱི་རྣམ། |
དམིགས་བསལ་ལོ་མཇུག་གི་ཟླ་བ་རེ་ལ་རྒྱུན་ལྡན། ལོ་རིམ་དང་པོར་བསྡུས་གྲྭ་དང་། ལོ་རིམ་གཉིས་པ་དང་གསུམ་པར་རྟགས་རིགས། ལོ་རིམ་བཞི་པར་མཁས་གྲུབ་འབའ་ར་བའི་གྲུབ་མཐའ། ལོ་རིམ་སྔ་པ་ཡན་ཆད་ལ་ཚད་མ་འཇམ་དབྱངས་དགོངས་རྒྱན་དང་སྤྱི་དོན་རིགས་པའི་སྙིང་པོ་བཅས་འཆད་རྩོད་གནང་རྒྱུ་བཅས་སོ། །
|
སློབ་དཔོན་དང་སློབ་ཐོན་པ་རྣམས་ལ་བརྒྱུད་སྡེ་ཁག་ལ་འཆད་ཉན་དང་། སྐབས་དང་དུས་སུ་རང་ལུགས་ཀྱི་དབང་ལུང་གོ་སྒྲིག་ཞུ་རྒྱུ་བཅས་སོ། །
|