༄༅། ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་ཕྱག་འཁྱེར་གྱི་རིམ་པ།
དོན་བརྒྱུད་དཔལ་ལྡན་འབྲུག་པའི་ནང་བསྟན་སློབ་གླིང་འདི་ནས་གནང་སྲོལ་ཡོད་པའི་ཕྱག་འཁྱེར་གྱི་རིམ་པ། | |
1 | འཛིན་གྲྭ་དང་པོ་བསྡུས་གྲྭ་ནས་ཕར་ཕྱིན་ལོ་རིམ་གསུམ་ཀ་མཐར་ཕྱིན་མཚམས་སུ་ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར་གནང་རྒྱུ། |
2 | ཕར་ཕྱིན་རབ་འབྱམས་པ་གནས་རིམ་དང་པོར་སོན་མཁན་རྣམ་པ་སྐྱོར་དཔོན་དུ་བསྐོ་གཞག་བྱ་རྒྱུ། |
3 | ལོ་རིམ་བཅུ་གཉིས་ཐོན་མཁན་རྣམས་ལ་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་བསྩལ་རྒྱུ། |
4 | བསླབ་པ་མཐར་ཕྱིན་གྱི་གནས་རིམ་དང་པོར་སོན་པ་རྣམས་སློབ་དཔོན་དུ་བསྐོ་གཞག་གིས། སློབ་གླིང་འདི་དང་དགོན་པ་གཞན་དུ་དཔེ་ཁྲིད་དགེ་རྒན་གནང་རྒྱུ། |
5 | སློབ་དཔོན་རྣམས་མཐོ་སློབ་འདི་དང་ཡང་ན་དགོན་པ་གཞན་དུ་བགྲང་བྱ་གསུམ་ལྷག་དཔེ་ཁྲིད་ཚད་ལྡན་གནང་ཟིན་མཁན་རྣམ་པ། ཀུན་སྤྱོད་སོགས་ལ་དཔག་ཏེ་ཡུལ་དུས་གནས་སྟངས་དང་བསྟུན་ནས་མཁན་པོའི་ཕྱག་འཁྱེར་གནང་རྒྱུ། |


