• ཆོས་འཁོར་བསྐོར་བའི་དུས་ཆེན་བསུ། • བོད་རྒྱལ་ལོ་ ༢༡༥༣ བོད་ཟླ་ ༦ བོད་ཚེས་ ༤ ཉིན་ནི། འོ་སྐོལ་གྱི་སྟོན་པ་ཤཀྱཱའི་རྒྱལ་པོ་མངོན་པར་རྫོགས་པར་སངས་རྒྱས་ནས་བདུན་ཕྲག་བདུན་ཆོས་མ་གསུངས་པར་བཞུགས། དེའི་རྗེས་སུ་ལྷ་ཚངས་པ་ལ་སོགས་པས་གསོལ་བ་བཏབ་པ་ལ་བརྟེན། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར། དེ་རིང་བྱེས་ཀྱི་གདན་ས་ཁམས་པ་སྒར་བཤད་གྲྭ་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། མཁན་སྤྲུལ་དགེ་སློབ་འདུས་ཚོགས་དང་དད་ལྡན་སེར་སྐྱ་མི་དམངས་མཉམ་འཛོམས་བྱས་ཏེ། ཕྱག་ཚོད་ ༥ དང་ཕྱེད་ནས་ཚོགས་སུ་བཞུགས་གྲལ་དུ་ཁོད་ནས་སྐྱབས་སེམས། གནས་ཆོག …
མུ་མཐུད་ཀློགས།khamgar
རྒྱ་གར་ཧི་མ་ལ་ཡ་ནལཎྜ་ནང་པའི་ལྷན་ཚོགས་དབུ་བརྙེས་པའི་དུས་ཆེན་དང་། རྒྱལ་ཡོངས་ཚོགས་འདུ།
རྒྱ་གར་ནལཎྜ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་དབུ་བརྙེས། རྒྱལ་ཡོངས་ཚོགས་འདུ། ཕྱི་ལོ་༢༠༢༦ ཕྱི་ཟླ་ ༧ ཚེས་༥ ཉིན། བྱེས་ཀྱི་གདན་ས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། རྒྱ་གར་ན་ལཎྜ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་དང་ཁམས་སྒར་བཤད་གྲྭ་མཉམ་འབྲེལ་གྱིས། རྒྱ་གར་ན་ལཎྜ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་དབུ་བརྙེས་ནས་ལོ་༩་འཁོར་བའི་དུས་དྲན་བསྲུང་རྩི་དང་། ཧི་མ་ལ་ཡའི་མཁས་དབང་རྣམས་པ་གདན་འདྲེན་ཞུས་ཏེ་རྒྱལ་ཡོངས་ཚོགས་འདུ་དང་། རྒྱ་གར་གུ་ཡངས་སློབ་རྒྱུགས་ཀྱི་སྤྱི་ཁྱབ་སློབ་སྟོན་པའི་གཏམ་བཤད་ཀྱི་མཛད་སྒོ་ཚོགས་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྲིད་བློན་ཀ་ཝིན་ད་ར་གུཔྟ་མཆོག་དང་། བོད་གཞུང་ཆོས་རིག་ལས་འཁུངས་ཀྱི་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག ། བྷེཇ་ན་ཐ་སྤྱི་འཐུས་ཀི་ཤོ་རི་ལལ་མཆོག མ་ལིང་མགོན་པོ། རོ་ཤན་ལ་ལ་ནེ་གི་མཆོག་དང་། ས་གནས་དབུ་འཛིན་རྣམས་པ། ཧི་མ་ལ་ཡའི་དགོན་སྡེ་ཁག་ནས་ཚོགས་བཅར་བ་ཁག …
མུ་མཐུད་ཀློགས།རྒྱལ་སྤྱིའི་ཡོ་ག་ཉིན་མོ་བསྲུང་རྩི།
རྒྱལ་སྤྱིའི་ཡོ་ག་ཉིན་མོ་བསྲུང་རྩི། International Yoga day ! ཕྱི་ལོ་༢༠༢༦ ཕྱི་ཟླ་༦ ཚེས་༢༡ ཉིན། ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་Paprola Ayurvedic College ནས་སྨན་པ་Dr. Kulwinder དང་ཁོང་གི་སློབ་ཕྲུག་ཁ་ཤས་མཉམ་དུ་རྒྱལ་སྤྱིའི་ཡོ་ག་ཉིན་མོ་བསྲུང་རྩི་ཞུས་ཡོད། ཡོ་ག་ནི་དེ་རིང་ཙམ་མ་ཡིན་པ་ནམ་རྒྱུན་དུ་ཁམས་སྒར་བཤད་གྲྭའི་སྔ་དྲོའི་བྱ་བ་དང་པོ་དེ་ཆགས་ཡོད། དེ་རིང་ཞོགས་པ་ཕྱག་ཚོད་༦:༠༠ པ་ནས་སྐར་མ་༤༠ རིང་Ayurvedic College …
མུ་མཐུད་ཀློགས།བསླབ་པ་ཐར་སོན་གྱི་མཛད་སྒོ་མཇུག་གྲུབ།
ཕྱི་ལོ་༢༠༢༦ ཕྱི་ཟླ་ ༠༡ ཕྱི་ཚེས་ ༠༣ བོད་རྒྱལ་ལོ་༢༡༥༢ བོད་ཟླ་ ༡༡ བོད་ཚེས་ ༡༥ སྟེ་ཚེས་བཟང་པོ་བཀྲ་ཤིས་པའི་དགེ་བའི་ཉིན་མོར། བྱེས་ཀྱི་གདན་ས་ཁམས་པ་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། རྡོ་རྗེ་འཛིན་པ་རྟོགས་ལྡན་མཐུ་སྟོབས་ཉི་མ་མཆོག ། སྤོབས་སྤྲུལ་སྐུ་མཆོག ། མཁན་པོ་དགེ་བའི་བཤེས་གཉེན་རྣམ་པའི་དབུས་པས། དོན་བརྒྱུད་དགའ་འཚལ་གླིང་གི་མཁན་མོ་དང་བཙུན་མ། …
མུ་མཐུད་ཀློགས།རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་རྣམ་གཉིས་མཇལ་ཕྲད་བྱུང་བ།
བོད་རྒྱལ་ལོ་༢༡༥༢ ཕྱི་ལོ་༢༠༢༥ བོད་ཟླ་༠༢་ བོད་ཚེས་༧ ཉིན། དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་མཆོག་དང་འབྲུག་གསང་སྔགས་ཆོས་གླིང་དགོན་པའི་དབུ་སློབ་ཆོས་གསུམ། བལ་ཡུལ་འབྲུག་ཨ་མི་ཏ་བྷའི་བཙུན་མ་དང་བཅས་མཚོ་པདྨར་ཕེབས་ཞོར། འདི་ག་བྱེས་ཀྱི་གདན་ས་ཁམས་པ་སྒར་བཀྲ་ཤིས་ལྗོངས་སུ་མཆོད་མཇལ་གྱི་ཆེད་ཕེབས་པ་དང་། ཁམས་སྒར་གྲྭ་ཚང་དཔལ་ཕུན་ཚོགས་ཆོས་འཁོར་གླིང་གི་ཀུན་དགའ་ར་བར་རྒྱལ་བ་མདོ་ཁམས་པ་མཆོག་དང་ཐུགས་དགྱེས་ཚོར་ངང་མཇལ་ཕྲད་བྱུང་བ་དང་། སྐྱབས་རྗེ་རྒྱལ་བ་མདོ་ཁམས་པ་མཆོག་ནས་ཆོས་འབྲེལ་གྱི་ཚུལ་དུ་ཁམས་སྤྲུལ་སྐུ་འཕྲེང་གསུམ་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་མཛད་པའི་གདམས་ངག་གསེར་ཞུན་མའི་ལྗགས་ལུང་བཀའ་དྲིན་སྩལ་ནས་གསོལ་ཇ་བཞེས་མཚམས། སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་སྐུ་འཁོར་ལྷན་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་ཆིབས་སྒྱུར་བཀའ་དྲིན་གནང་ནས་ཉིན་གུང་གསོལ་ཚིགས་བཤད་གྲྭའི་མཁན་པོ་དགེ་རྒན་ལས་བྱེད་ལྷན་དུ་བཞེས་གནང་སོང་། རིན་པོ་ཆེ་མཆོག་བཤད་གྲྭའི་དཔེ་མཛོད་དང་རྩོམ་སྒྲིག་ཁང་སོགས་ལ་ཡང་གཟིགས་སྐོར་ལ་ཕེབས།
མུ་མཐུད་ཀློགས།
གདན་ས་ཁམས་པ་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་ར།

