གཙོ་ངོས། / གཟིགས་སྐོར། / ཆོས་འཁོར་དུས་ཆེན།

ཆོས་འཁོར་དུས་ཆེན།

 

•⁠ ⁠ཆོས་འཁོར་བསྐོར་བའི་དུས་ཆེན་བསུ། •

བོད་རྒྱལ་ལོ་ ༢༡༥༣ བོད་ཟླ་ ༦ བོད་ཚེས་ ༤ ཉིན་ནི། འོ་སྐོལ་གྱི་སྟོན་པ་ཤཀྱཱའི་རྒྱལ་པོ་མངོན་པར་རྫོགས་པར་སངས་རྒྱས་ནས་བདུན་ཕྲག་བདུན་ཆོས་མ་གསུངས་པར་བཞུགས། དེའི་རྗེས་སུ་ལྷ་ཚངས་པ་ལ་སོགས་པས་གསོལ་བ་བཏབ་པ་ལ་བརྟེན། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར། དེ་རིང་བྱེས་ཀྱི་གདན་ས་ཁམས་པ་སྒར་བཤད་གྲྭ་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། མཁན་སྤྲུལ་དགེ་སློབ་འདུས་ཚོགས་དང་དད་ལྡན་སེར་སྐྱ་མི་དམངས་མཉམ་འཛོམས་བྱས་ཏེ། ཕྱག་ཚོད་ ༥ དང་ཕྱེད་ནས་ཚོགས་སུ་བཞུགས་གྲལ་དུ་ཁོད་ནས་སྐྱབས་སེམས། གནས་ཆོག འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྟོན་པའི་གསུང་གི་མཛད་པ་བསྲུང་རྩི་ཞུས་ཡོད།

 

Check Also

རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་རྣམ་གཉིས་མཇལ་ཕྲད་བྱུང་བ།

བོད་རྒྱལ་ལོ་༢༡༥༢ ཕྱི་ལོ་༢༠༢༥ བོད་ཟླ་༠༢་ བོད་ཚེས་༧ ཉིན། དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་མཆོག་དང་འབྲུག་གསང་སྔགས་ཆོས་གླིང་དགོན་པའི་དབུ་སློབ་ཆོས་གསུམ། བལ་ཡུལ་འབྲུག་ཨ་མི་ཏ་བྷའི་བཙུན་མ་དང་བཅས་མཚོ་པདྨར་ཕེབས་ཞོར། འདི་ག་བྱེས་ཀྱི་གདན་ས་ཁམས་པ་སྒར་བཀྲ་ཤིས་ལྗོངས་སུ་མཆོད་མཇལ་གྱི་ཆེད་ཕེབས་པ་དང་། ཁམས་སྒར་གྲྭ་ཚང་དཔལ་ཕུན་ཚོགས་ཆོས་འཁོར་གླིང་གི་ཀུན་དགའ་ར་བར་རྒྱལ་བ་མདོ་ཁམས་པ་མཆོག་དང་ཐུགས་དགྱེས་ཚོར་ངང་མཇལ་ཕྲད་བྱུང་བ་དང་། སྐྱབས་རྗེ་རྒྱལ་བ་མདོ་ཁམས་པ་མཆོག་ནས་ཆོས་འབྲེལ་གྱི་ཚུལ་དུ་ཁམས་སྤྲུལ་སྐུ་འཕྲེང་གསུམ་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་མཛད་པའི་གདམས་ངག་གསེར་ཞུན་མའི་ལྗགས་ལུང་བཀའ་དྲིན་སྩལ་ནས་གསོལ་ཇ་བཞེས་མཚམས། སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་སྐུ་འཁོར་ལྷན་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་ཆིབས་སྒྱུར་བཀའ་དྲིན་གནང་ནས་ཉིན་གུང་གསོལ་ཚིགས་བཤད་གྲྭའི་མཁན་པོ་དགེ་རྒན་ལས་བྱེད་ལྷན་དུ་བཞེས་གནང་སོང་། རིན་པོ་ཆེ་མཆོག་བཤད་གྲྭའི་དཔེ་མཛོད་དང་རྩོམ་སྒྲིག་ཁང་སོགས་ལ་ཡང་གཟིགས་སྐོར་ལ་ཕེབས།   

Leave a Reply

Your email address will not be published. Required fields are marked *

Show Buttons
Hide Buttons