རྒྱལ་སྤྱིའི་ཡོ་ག་ཉིན་མོ་བསྲུང་རྩི།
International Yoga day !
ཕྱི་ལོ་༢༠༢༦ ཕྱི་ཟླ་༦ ཚེས་༢༡ ཉིན། ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་Paprola Ayurvedic College ནས་སྨན་པ་Dr. Kulwinder དང་ཁོང་གི་སློབ་ཕྲུག་ཁ་ཤས་མཉམ་དུ་རྒྱལ་སྤྱིའི་ཡོ་ག་ཉིན་མོ་བསྲུང་རྩི་ཞུས་ཡོད། ཡོ་ག་ནི་དེ་རིང་ཙམ་མ་ཡིན་པ་ནམ་རྒྱུན་དུ་ཁམས་སྒར་བཤད་གྲྭའི་སྔ་དྲོའི་བྱ་བ་དང་པོ་དེ་ཆགས་ཡོད། དེ་རིང་ཞོགས་པ་ཕྱག་ཚོད་༦:༠༠ པ་ནས་སྐར་མ་༤༠ རིང་Ayurvedic College གི་སློབ་ཕྲུག་རྣམས་ཀྱི་ལམ་སྟོན་འོག་ཡོ་ག་འབུ་འཛུགས་བྱས་ཡོད། མཐར་སློབ་གཉེར་བ་རྣམས་ལ་ཤིང་ཏོག་དང་ཆུ་གྲང་མོ་བྷིས་ཀིཊ་བཅས་ཕུལ་སོང་བས། དེ་ལ་ངེད་བཤད་གྲྭའི་ངོས་ནས་ཐུགས་རྗེ་ཞུ།

གདན་ས་ཁམས་པ་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་ར།

